༈ །ཨོཾ་པདྨཱ་ནྟྀ་ཀྲཏ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་ པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ། ཞེས་པ་ནས། རང་རང་གི་སྐུ་མདོག་དང་ཕྱག་རྒྱ་ཅན། གཙོ་བོའི་མདུན་དུ་པད་ཉིའི་གདན་ལ་ཧྲཱི་ལས་ཁྲོ་རྒྱལ་རྟ་མགྲིན། ཞེས་པ་ནས། དབུས་ན་བཞུགས་པ། ཞེས་པའི་ བར་ལ་བུམ་པ་གཉིས་ཡོད་ན་བཾ་བཾ་ལས་ཞེས་དང་ལས་བུམ་གྱི་ནང་དུ་པད་ཉིའི་ཞེས་བསྒྱུར། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། ཞེས་པ་ནས། དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ བསྟོད། །འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང། །མཁྱེད་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ།། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཧཱུཾ༑ སྔགས་ཀྱི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་ཆུ་ལ་ཐིམ་པར་གྱུར། མ་ཎི་དང་རྟ་མགྲིན་གྱིས་སྙིང་ [048A]༄༅། །བརྒྱ་རྩ་བརྒྱད་རེ་དང། ཨོཾ་བཛྲ་ས་ཏྭ་ཧཱུཾ། བདུན་བཟླས་ལ། མ་ཎི་ལ་ཧཱུཾ་བདུན་བཏགས་པས་མཆོད་ཡོན་དང། རྟ་མགྲིན་གྱི་སྙིང་པོས་མེ་ཏོག་དཀར་པོ་གསུམ་དང། ཨོཾ་གུ་རུ་ཨཱརྱ་ལོ་ ཀེ་ཤྭ་ར་ས་པའི་ཝཱ་ར་པུཥྤེ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱའི་བར་གྱིས་མཆོད། རྟ་མགྲིན་གྱི་སྙིང་པོས་བསང་ཆུ་གཏོར་ལ། དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་ མཛོད་ཅིག་ཨོཾ་བཛྲ་མུཿ་ཡེ་ཤེས་པ་གཤེགས་ཤིང། དམ་ཚིག་པ་བུམ་ཆུ་ལ་ཐིམ་པར་གྱུར། ཅེས་བརྗོད། དེ་རྗེས་མདུན་བསྐྱེད་སྒོ་དབྱེ་དབང་ཆོག་རྣམས་མདོར་བསྡུས་པའི་ཚུལ་གྱིས་བྱའོ། །ཞེས་པ་འདི་ཡང་ དགེ་སློང་དྷརྨ་བྷ་དྲས་བྲིས། །ཨོཾ་སྭ་སྟི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་དགེ་འཕེལ་ཆོས་གྲྭ་ནས། །ཆོས་སྦྱིན་ འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །ཤུ་བྷཾ།། །།